[001A]༄༅། །ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཆོ་ག་ནག་འགྲོས་སུ་བཀོད་པ་བྱང་ཆེན་ཁང་བཟང་འཛེགས་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།། [001B] །བླ་མའི་ཞབས་ལ་གུས་བཏུང་ནས། །ཐེག་ པ་ཆེན་པོའི་གསོ་སྦྱོང་གི། །སྡོམ་པ་ལེན་པའི་ཆོ་ག་འགོད། །འདིར་གང་ཞིག་གཏིང་མཐའ་མེད་པའི་སྡུག་བསྔལ་དང་ ཀུན་འབྱུང་གི་ཉེས་དམིགས་རིག་ཆིང་རང་ཉམས་ལ་དཔག་ནས་མཁའ་ཁྱབ་ཀྱི་མ་རྒྱན་ཉམ་ཐག་པའི་ངང་ཚུལ་དྲན་ཏེ་སྙིང་ནས་བྱང་ཆུབ་དོན་དུ་གཉེར་ བའི་སྐལ་བཟང་གི་སྐྱེ་བོ་དག་གིས་ཐེག་པ་ཆེན་པོའི་གསོ་སྦྱོང་ཇི་ལྟར་བྱ་བའི་ཚུལ་ནི། ཐོ་རེངས་ལག་རིས་མཐོང་ཙམ་གྱི་དུས་དེར་ཁྲུས་ལེགས་ [002A]༄༅། །པར་བྱས། གཙང་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་དཀོན་མཆོག་གི་རྟེན་དགྲམ། བཟང་ལ་གྱ་ནོམ་པའི་མཆོད་པ་ཅི་ འབྱོར་བ་ཤམ། མདུན་དུ་གུས་པའི་སྤྱོད་ལ་མ་གྱིས་འཁོད་དེ། སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་ དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་བསྒྲུབ་སླད་དུ། །བདག་གིས་བྱང་ཆུབ་སེམས་བསྐྱེད་དོ། ། ཕྱོགས་བཅུ་དག་ན་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་གསོན། །བདག་གིས་རྫོགས་ [002B] །དེང་ནས་བྱང་ཆུབ་སེམས་བསྐྱེད་དོ། །ཞེས་ལན་གསུམ་གྱི་སྒོ་ནས་སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་དུ་བྱས་ལ།། ཐམས་ཅད་དུ་ནི་ས་གཞི་དག་གསེག་མ་ལ་སོགས་མེད་པ་དང། །ལག་མཐིལ་ལྟར་མཉམ་བཻ་ཌཱུ་ཡའི། །རང་ བཞིན་འཇམ་པོར་གནས་གྱུར་ཅིག་ལྷ་དང་མི་ཡི་མཆོད་པའི་རྫས། །དངོས་སུ་བཤྱམྶ་དང་ཡིད་ཀྱིས་སྤྲུལ་ ཀུན་བཟང་མཆོད་སྤྲིན་བླ་ན་མེད། །ནམ་མཁའི་ཁམས་ཀུན་ཁྱབ་གྱུར་ཅིག་ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་ མརྡ་ནེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛ་བཛྲེ། མཧཱ་བིདྱ་ བཛྲེ། མཧཱ་བོདྷི་ཙིཏྠ་བཛྲེ། མཧཱ་བོདྷི་མནྡོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨའ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སཱ་ཧཱ། ལན་གསུམ་ [003A]༄༅། །དཀོན་མཆོག་གསུམ་གྱི་བདེན་པ་དང། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ ཅད་ཀྱིས་བྱིན་གྱི་བརླབས་དང། ཚོགས་གཉིས་ཡོངས་སུ་ཛོགས་པའི་མངའ་ཐང་ཆེན་པོ་དང། ཆོས་ཀྱི་དབྱིངས་རྣམ་ པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་བཞིན་ཉིད་དུ་གྱུར་ཅིག། ཅེས་ས་གཞི་དང་མཆོད་རྫས་བྱིན་གྱིས་བརླབ་ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང། །འདུད་སྡེ་དཔུང་བཅས་མི་ཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ ལུས་ཡང་དག་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། ཅེས་རང་གི་དྲིན་ཅན་རྩ་ བའི་བླ་མ་སྟོན་པ་ཐུབ་པའི་དབང་པོར་གསལ་བ་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས་ནས་མདུན་གྱི་ནམ་མཁར་མངོན་སུམ་ [003B] སྤྲོ་ན། ཇི་སྙེད་སུ་དག། ཅེས་པ་ནས། ཕིར་བསྔོ་འོ། །འི་བར་དང། བསྡུ་ན། སྒོ་གསུམ་གུས་པའི་སྒོ་ནས་ཕྱག་འཚལ་ ལོ། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་མ་ལུས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །སྐྱེ་འཕགས་ དགེ་བ་རྣམས་ལ་རྗེས་ཡི་རང། །འཁོར་བ་མ་སྟོང་བར་དུ་ལེགས་བཞུགས་ནས། །འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང། །བདག་གཞན་ དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ། །ཞེས་སོཀྶ་ཡན་ལག་བདུན་པ་རྒྱས་བསྡུས་གང་རིགས་སོང་རྗེས། ཕྱག་གསུམ་བཙལ་ནས་སྡོམ་པ་ཞུ་བའི་ཡོན་དུ་མཎྜལ་རྒྱས་ བསྡུས་གང་རུ་བཞིག་ཕུལ། བླ་གོས་ཕྲག་པ་གཅིག་ཏུ་གཟེར། པུས་མོ་ག་ཡས་པའི་ལྷ་ངས་ལ་བཙུགས། ལག་པ་གཉིས་ཐལ་མོ་སྦྱར་སྟེ་བསམ་པ་འདི་སྙམ་དུ། ག་རེ། བདག་སོགས་ ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང་ཕྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཡོད་རྒྱུ་ཞིག་གྲངས་མེད་པར་མྱོང་ [004A]༄༅། །དུ་ཟིན་ཀྱང། ད་དུང་སྐྱོ་བ་དང་སུན་པའི་བློ་སྐད་ཅིག་ཀྱང་མི་སྐྱེ་བར། །སྡུག་བསྔལ་ལ་བདེ་བ་དང། བདག་མེད་ལ་བདག་ཏུ་འཛིན་པའི་བློ་ངན་ལང་ཤོར་ འདིའི་མཐུས་ལས་དང་ཉོན་མོངས་པའི་གཞན་དབང་དུ་སོང་ནས། སླར་ཡང་འཁོར་བ་དང་ངན་སོང་གི་སྡུག་བསྔལ་བཟོད་དཀའ་བ་སྔར་ལས་ཀྱང་ཆེས་ཆེར་མང་བཞིག་རང་དབང་མེད་ པར་མྱོང་དགོས་པའི་ངང་ཚུལ་འདི་བསམ་ན་ངེས་པར་སྙིང་རླུང་ལྡང་འོས་པའི་ཚོད་ཙམ་དུ་འདུག། འོན་ཀྱང་བཅོམ་ལྡན་འདས་ཤཱ་ཁྱ་ཐུབ་པ་ལ་སོགས་པ་སྔོན་བྱོན་ཟིན་པའི་སངས་རྒྱས་ བཅོམ་ལྡན་འདས་དེ་དག་ཀྱང། གདོད་མ་ནས་སངས་རྒྱས་ཟིན་ཟིན་པ་ཞིག་མིན་གྱི། སྔོན་བདག་ཅག་དང་མཚུངས་པར་འཁོར་བར་གནས་པ་ལས་དགེ་བའི་བཤེས་གཉེན་རེ་དང་ མཇལ་བའི་དྲིན་ལས་འཁོར་བས་ཡིད་འགྱུར་ཞིང། སེམས་ཅན་ཀུན་ལའང་བརྩེ་བ་སྐྱེས་ནས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ་འདི་ལྟ་བུའི་ཐེག་པ་ཆེན་པོའི་གསོ་སྦྱོང་གྱི་སྡོམ་པ་ བཞེས་ནས་ཡང་དག་པར་བསྲུངས་ཤིང། ལམ་ལ་བསླབ་ནས་སངས་རྒྱས་པ་ཡིན། དེ་བཞིན་དུ་བདག་གིས་ཀྱང་དགེ་བའི་གཤེས་གཉེན་གྱི་སྐུ་དྲིན་ལས་ཐེག་པ་ཆེན་པོའི་ཆོས་ [004B] དེ་ལྟ་ནའང། གཞི་དང་ལམ་དང་འབྲས་བུའི་གནས་སྐབས་ ཐམས་ཅད་དུ་མེད་དུ་མི་རུང་བའི་འཛའ་བཤེས་ཀྱི་གཙོ་བོ། འདི་ཕྱིའི་ལེགས་ཚོགས་ཐམ་ཅད་གང་ལས་འབྱུང་བའི་ཡིད་བཞིན་ནོར་བུ། ཐོག་མ་མེད་པ་ནས་འཁོར་བའི་ ཕྱི་མཐའ་མ་རྫོགས་ཀྱི་བར་དུ་དྲིན་གྱིས་བསྐྱངས་ཤིང་སྐྱོང་བར་འགྱུར་བའི་མཁའ་ཁྱབ་ཀྱི་མ་རྒན་ཉམ་ཐག་པ་འདི་དག་ཡལ་བར་དོར་ནས། རང་ཉིད་གཅིག་བུའི་བདེ་ཐབས་ ཙམ་ལྷུར་ལེན་པ་ནི་རྨོངས་པ་མི་བཟད་དུད་འགྲོ་རྣམས་དང་ཁྱད་པར་ཅུང་ཟད་ཀྱང་མི་འདུག། དེས་ན་བདག་གིས་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམ་ཅད་ཀྱི་དོན་དུ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་ཐོབ་པར་བྱ། དེའི་ཕྱིར་དུ་རྒྱལ་བ་སྲས་དང་བཅས་པ་འདི་རྣམས་ཀྱི་སྤྱན་སྔར་ཐེག་པ་ཆེན་པོའི་གསོ་སྦྱོང་ གི་སྡོམ་པ་བླངས་ལ། སང་ཉི་མ་མ་ཤར་གྱི་བར་དུ་ལེགས་པར་བསྲུང་བར་བྱའོ་སྙམ་པའི་བསམ་པ་མིག་ནས་མཆི་མ་འཁྲུག་པ་དང། ལུས་ཀྱི་བསྤུ་ལྡང་བའི་ཙོད་ཙམ་གྱི་དུང་ [005A]༄༅། །དུང་བ་དང་བཅས། བླ་མ་ཐུབ་པའི་དབང་པོའི་རྗེས་སུ་ཟློས་པར་མོས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་ཐམ་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་གནོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་རྟ་ཅང་ཤེས་ལྟ་བུ། གླང་པོ་ཆེན་པོ། བྱ་བ་བྱས་ཤིང་བྱེད་པ་བྱས་པ། ཁུར་བོར་བ། རང་གི་དོན་ རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་བཀའ། ལེགས་པར་རྣམ་པར་གྲོལ་བའི་ཐུགས་ ལེགས་པར་རྣམ་པར་གྲོལ་བའི་ཤེས་རབ་ཅན་དེ་དག་གིས། སེམས་ཅན་ཐམ་ཅད་ཀྱི་དོན་གྱི་ཕྱིར། ཕན་པར་བྱ་བའི་ཕྱིར་དང། གྲོལ་བར་བྱ་བའི་ ཕྱིར་དང། མུ་གེ་མེད་པར་བྱ་བའི་ཕྱིར་དང། ནད་མེད་པར་བྱ་བའི་ཕྱིར་དང། བྱང་ཆུབ་ཀྱི་ [005B] བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་ པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་མཛད་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང། དུས་འདི་ནས་བཟུང་སྟེ། ཇི་ སྲིད་སང་ཉི་མ་མ་ཤར་གྱི་བར་དུ། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དང། ཕན་པར་བྱ་བའི་ཕྱིར་དང། གྲོལ་བར་བྱ་བའི་ ཕྱིར་དང། མུ་གེ་མེད་པར་བྱ་བའི་ཕྱིར་དང། ནད་མེད་པར་བྱ་བའི་ཕྱིར་དང། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་ པར་བྱ་བའི་ཕྱིར་དང། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ངེས་པར་རྟོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ཡང་དག་པར་ བླང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་ཅིང། གསུམ་པ་རྫོགས་པ་དང་དུས་མཉམ་དུས་རང་གི་རྒྱུད་ལ་སྡོམ་པ་ཐོབ་བྱུང་སྙམ་པའི་དགའ་བ་བསྒོམ། དེ་ནས་སྔར་བཤད་པ་ [006A]༄༅། །ལྟ་བུའི་བྱང་ཆུབ་ཀྱི་སེམས་ཀྱི་ཀུན་སློང་གསལ་བཏབ་སྟེ། ཇི་ལྟར་སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱིས་སྲོག་གཅོད་ལ་སོགས་པའི་ལུས་ངག་གི་ཉེས་ སྤྱོད་ཐམས་ཅད་སྤངས་ཤིང་ཡིད་ཀྱིས་དེ་དག་ལས་སླར་ལོག་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉེས་སྤྱོད་དེ་རྣམས་ཉིན་ཞག་གཅིག་གི་བར་དུ་ སྤངས་ནས་བསླབ་བྱ་རྣམས་ལ་ཚུལ་བཞིན་དུ་བསླབ་པར་བྱའོ་སྙམ་དུ་བསམས་ལ། དེང་ནས་སྲོག་གཅོད་མི་བྱ་ཞིང། གཞན་གྱི་ནོར་ཡང་བླང་མི་བྱ།། འཁྲིག་པའི་ཆོས་ཀྱང་མི་སྤྱོད་ཅིང། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་ཉེར་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ།། ཁྲི་སྟན་ཆེ་མཐོ་མི་བྱ་ཞིང། །དེ་བཞིན་དུ་ས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་རྒྱན་དང་ནི། །གར་དང་གླུ་སོགས་སྤང་བར་བྱ། ། ཇི་ ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་ལྟར། །དེ་བཞིན་སྲོག་གཅོད་ལ་སོགས་སྤང། །བླ་མེད་བྱང་ཆུབ་ [006B] སྡུག་བསྔལ་མང་འཁྲུགས་འཇིག་རྟེན་འདིར། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག། །ཅེས་ལན་གཅིག་བརྗོད། ཨོཾ་ཨ་ མོ་གྷ་ཤཱི་ལ་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྡྷ་སཏ་པདྨ་བི་བྷཱུ་ཥི་ཏེ། བཧུ་ཛ། དྷ་ར་དྷ་ར། །ས་མནྟ། ཨ་ཝ་ལོ་ཀེ་ཏེ་ཧཱུཾ་ཕཊ་སཱ་ཧཱ་ ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ལན་ཉེར་གཅིག་འཟླས་རྗེས། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཀྲིམས་ཕ་རོལ་ཕྱིན་རྫོགས་ཤོག། །ཅེས་སོགས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན་པར་བྱ་ འདི་ནི་རང་གཅིག་པུས་རྟེན་གྱི་དྲུང་དུ་ལེན་ཚུལ་གཙོ་བོར་བྱས་པ་ཡིན་གྱི། བླ་མའི་དྲུང་ནས་ལེན་སྐབས་མཎྜལ་འབུལ་བ་དང། བླ་མས་ཀྱང་ཐོག་མཐའ་བར་གསུམ་གྱི་དམིགས་ རྣམ་ལེགས་པར་བརྡ་སྤྲོད་ཅིང། དངོས་གཞི་སྡོམ་པ་ལེན་ཆོག་སྐབས། སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སོགས་དང། མཇུག་གི་དེང་ནས་སྲོག་གཅོད་ཅེས་སོགས་ [007A]༄༅། །རྗེས་ཟློས་བྱ་བ་དང། དངོས་གཞིའི་མཇུག་ཐབས་ལེགས་བརྗོད་པ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བྱ་དགོས་སོ། །དེ་ ལྟར་སྡོམ་པ་བླངས་ཟིན་ནས་ཉིན་ཞག་གཅིག་གི་བར་དུ་བསྲུང་ཆུའི་ཡན་ལག་གི་གྲངས་ནི་མཛོད་ལས། ཚུལ་ཁྲིམས་ཡན་ལག་ བག་ཡོད་པའི། ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་གསུངས་པ་ལྟར་ སོ་ཐར་བསྙེན་གནས་ཀྱི་སྐབས་ གཞན་གྱིས་བདག་ ཏུ་བཟུང་བའི་རྫས་ཤིང་གི་འདབ་མ་ཡན་ཆད་མ་པྱིན་མར་ལེན་པ་དང། མི་ཚངས་པར་སྤྱོད་པ་དང། རྫུན་ཚིག་སྟེ་བྯྒི་སྤོང་ བའི་ཡན་ལག་བཞི་དང། མྱོས་འགྱུར་གྱི་རིགས་མཐའ་དག་སྤོང་བའི་ཡན་ལག་དང། དཀོན་མཆོག་མཆོད་པ་སོགས་ཆོས་ [007B] རོལ་མོའི་སྒྲ་སོགས་བྱེད་པ་དང། རྒོད་བག་དང་ཆགས་ པ་ལ་སོགས་པའི་བསམ་པས་རྒྱུན་དུ་འདོགས་བཞིན་མ་ཡིན་པའི་འཕྲེང་བ་དང་རྒྱན་འདོགས་པ་དང། ལུས་ལ་དྲིས་བྱུག་པ་ སོགས་སྤོང་བ་གར་སོགས་འཕྲེང་སོགས་སྤོང་བའི་ཡན་ལག་དང། དགོས་མེད་དུ་རིན་པོ་ཆེ་ལ་སོགས་པ་རིན་ཐང་ཅན་གྱི་ཁྲི་དང་ སྟན་ཆེན་པོ་དང། ཤིང་ལ་སོགས་པ་དངོས་པོད་སྨན་པའི་ཁྲི་སྟན་ཁྲུ་གང་ལོངས་པ་ཡན་ཆད་ཀྱི་ཁྲི་སྟན་མཐོན་པོ་ལ་འདུག་པ་ སྤོང་བ་ཁྲི་སྟན་ཆེ་མཐོ་སྤོང་བའི་ཡན་ལག་དང། ཉི་མ་ཕྱེད་ཡོལ་བ་ནས་ཞོ་འོ་མ་སོགས་དང། འབྲས་ཆན་དང་ཟན་ལ་སོགས་ པའི་བཟའ་བཏུང་སྤོང་བ་དུས་མ་ཡིན་པའི་ཁ་ཟས་སྤོང་བ་འི་ཡན་ལག་སྟེ་བརྒྱད་དང། དེ་རྒྱད་ཀྱི་དང་པོ་བཞི་ཚུལ་ཁྲིམས་ [008A]༄༅། །དང། ལྔ་པ་བག་ཡོད་དང། ལྷག་མ་གསུམ་བརྟུལ་ཞུགས་ཀྱི་ཡན་ལག་ཏུ་འཇོག་པ་ཐེག་ཆེན་གསོ་ སྦྱོང་གི་སྐབས་འདིར་ཡང་འདྲལ། འོ་ན་ཏེ་སྡོམ་པ་འདི་དང་བསྙེན་གནས་གཉིས་ཁྱད་མེད་པར་འགྱུར་རོ་སྙན་ན། འདི་གཉིས་ ནི་ཁྱད་པར་ཤིན་ཏུ་ཆེ་སྟེ། ལེན་པའི་ཡུལ་མི་འདྲ། རྟེན་གྱི་ཁྱད་པར་མི་འདྲ། བསམ་པའི་ཁྱད་པར་མི་འདྲ། ཇི་ལྟར་ལེན་ པའི་ཆོ་ག་མི་འདྲ། བླངས་ནས་སྲུང་ཚུལ་མི་འདྲ། མཐར་འབྲས་བུ་གྲུབ་ཚུལ་མི་འདྲ་བའི་ཁྱད་པར་དུ་མ་ཡོད་དོ། ལེན་པའི་ ཡུལ་མི་འདྲ་བ་ནི། བསྙེན་གནས་ནི་དགེ་བསྙེན་ཡན་ཆད་སོ་ཐར་གྱི་སྡོམ་པ་ལྡན་གང་ཡང་རུང་བ་ཞིག་གི་དྲུང་དུ་བླངས་པས་ སྐྱེ་ལ། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ལེན་པའི་ཡུལ་ནི། ཐེག་པ་ཆེན་པོའི་སྡོམ་ལྡན་ཞིག་དགོས་ཤིང། རང་ཉིད་ཀྱིས་ [008B] རྟེན་གྱི་ཁྱད་པར་མི་འདྲ་བ་ནི། བསྙེན་གནས་ཀྱི་སྡོམ་པ་ནི་དགེ་ཚུལ་དང་དགེ་སློང་རྣམ་ ཏག་གིས་ལེན་དུ་མི་རུང་སྟེ། དགེ་ཚུལ་དང་དགེ་སློང་གིས་བསྙེན་གནས་ཀྱི་སྡོམ་པ་བླངས་ནས་བདག་བསྙེན་གནས་ཡན་ལག་ བརྒྱད་པར་གཟུང་དུ་གསོལ་ཞེས་བསྙེན་གནས་པར་ཁས་བླངས་ན་སྡོམ་པ་གོང་མ་གཏོང་བས་ཤིན་ཏུ་མི་རུང་ལ། ཐེག་པ་ཆེན་ པོའི་གསོ་སྦྱོང་གི་སྡོམ་པ་ནི། དགེ་སློང་རྣམ་དག་གིས་ལེན་དུ་རུང་བར་གསུངས་སོ། བསམ་པའི་ཀྱད་པར་མི་འདྲ་བ་ནི། བསྙེན་ གནས་གྱི་སྡོམ་པ་ནི་ངེས་འབྱུང་གི་བསམ་པ་ཙམ་གྱིས་བླངས་ན་སྐྱེ་ལ། ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ནི། ངེས་པར་ བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་དུ་བསྐྱེད་པ་དགོས་པ་ནི་གོང་དུ་བཤད་ཟིན་པ་ལྟར་རོ། །ཇི་ལྟར་ལེན་པའི་ཆོ་ག་མི་འདྲ་བ་ནི་ [009A]༄༅། །བསྙེན་གནས་ཀྱི་སྡོམ་པ་ནི་འདུལ་བ་ལུང་དང། གནས་འཇོག་གི་མདོ་ནས་བཤད་པ་ལྟར་སྐྱབས་ འགྲོ་རྩོ་མ་བྱེད་དུ་བྱས་ནས་བསྙེན་གནས་ཡན་ལག་བརྒྱད་པར་ཁས་ལེན་ལན་གསུམ་བྱས་པས་ཐོབ་པ་ཡིན་ལ། ཐེག་པ་ ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ནི། སངས་རྒྱས་རྣམས་ཀྱིས་ལམ་དུས་སུ་ཇི་ལྟར་མཛད་པད་པེར་བྱས་ཏེ། རང་ཉིད་ཀྱང་ དེ་ལྟ་བུའི་རྣམ་ཐར་གྱི་རྗེས་སུ་སློབ་པར་ཁས་ལེན་པ་ཡིན་པས་ཁྱད་པར་ཤིན་ཏུ་ཆེའོ། །བླངས་ནས་སྲུང་ཚུལ་མི་འདྲ་བ་ནི་ བསྙེན་གནས་ལ་ཤ་ངེས་པར་སྤང་སྒོས་པར་བཤད་པ་མེད་ལ། ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་བླངས་པས་ནི་ ཤ་ངེས་པར་སྤང་དགོས། མཐར་འབྲས་བུ་མི་འདྲ་བ་ནི་བསྙེན་གནས་པས་ཐེག་པ་གང་ཡང་རུང་བར་སེམས་བསྐྱེད་དུ་རུང་ [009B] ཐེག་ཆེན་དུ་སེམས་བསྐྱེད་ན་ཐེག་ཆེན་ཐེག་གྱི་འབྲས་བུ་འགྲུབ་ ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས་པས་ནི་སེམས་བསྐྱེད་ཉམས་ན་མ་གཏོགས་རྫོགས་བྱང་གི་འབྲས་བུ་ངེས་པར་འགྲུབ་བོ། དེས་ན་ སངས་རྒྱས་ཀྱི་བཅས་པའི་དབང་གིས་དགེ་སློང་སོགས་ཀྱིས་ཀྱང་ལེན་དུ་རུང་བས་སྨྱུང་གནས་དང་འབྲེལ་བའི་སྐབས་གཞན་དུ་འ་ རབ་བྱུང་གི་སྡོམ་པ་དང་ལྡན་མི་ལྡན་ཐམས་ཅད་ཀྱིས་བླ་མའམ་རྟེན་གྱི་དྲུང་དུ་གོང་དུ་བཤད་པའི་ཆོ་ག་བཞིན་བླངས་ནས་བསྲུངས་བྱ་ རྣམས་ལེགས་པར་བསྲུང་ན་ཕན་ཡོན་རླབས་པོ་ཆེ་འབྱུང་ཞིང་མ་བསྲུངས་ན་ཉེས་དམིགས་ཆེས་ལྕི་བ་འབྱུང་བ། སྔར་ཚུལ་ཁྲིམས་ སྣ་གཅིག་ཉིན་ཞག་ཕྱེད་ཙམ་བསྲུངས་དང་མ་བསྲུངས་ཀྱི་དབང་གིས་བདེ་སྡུཀ་གི་འབྲས་བུ་མ་འཆོལ་བར་འགྱུར་བའི་ཚུལ་གྲོ་ [010A]༄༅། །བཞིན་སྐྱེས་དང། དགེ་འདུན་བསྲུང་གི་རྟགས་བརྗོད་སོགས་འདུལ་བ་ལུང་དང། མདོ་སྡ་ལས་བརྒྱ་པ་ སོགས་ལས་ཇི་ལྟར་འབྱུང་བ་རྣམས་རིག་པར་བྱས་ལ། འོ་སྐོལ་རྙེད་པར་དཀའ་བའི་དལ་འབྱོར་གྱི་ལུས་རྟེན་བཟང་པོ་ནི་ ཐོབ་མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ནི་མཇལ། ཡང་དག་པའི་དགེ་བའི་བཤེས་གཉེན་གྱི་ མངོན་གྱིས་ནི་ཟིན། བླང་དོར་གྱི་གནས་ཕྲན་བུ་ནི་ཤེས། ལུས་སེམས་ལ་རྐྱེན་ངན་གྱིས་མ་ཟིན། རང་གཞན་གྱི་དོན་ གཉིས་གང་ཡང་སྒྲུབ་ནུས་པའི་གནས་སྐབས་ཡུད་ཙམ་ལན་གཅིག་ཙམ་ཞིག་རྙེད་པ་འདིར་དོན་མ་ཡིན་པའི་བྱ་བ་འབའ་ཞིག་ གིས་ཉིན་མཚན་འདའ་བ་ནི་ནོར་བུའི་གླིང་ནས་ལག་སྟོང་དུ་ལོག་པའི་དབུལ་པོའི་ངང་ཚུལ་ལྟར་ཤེས་པར་བྱས་ནས་བྱ་སླ་ལ་དོན་ [010B] འདིར་སྨྲས་པ། ཐེག་མཆོག་བསླབ་པའི་གྲུ་གཟིངས་ཀྱིས། །རྣམ་ གྲོལ་རིན་ཆེན་གླིང་བགྲོད་དེ། དོན་གཉིས་ནོར་བུ་ལེན་བརྩོན་པའི། སྐལ་བཟང་དེ་ལ་རྒྱལ་བ་དགྱེས། སངས་རྒྱས་ཞེས་བའི་སྒྲ་ ཡང་འཇིག་རྟེན་དུ། འབྱུང་བ་དཀོན་ཞེས་ཐུབ་པ་མཆོག་གསུངས་ན། །ཚིག་ཙམ་གྱིས་ཀྱང་ལམ་མཆོག་འདི་ལྟ་བུར། །སྤྱོད་པའི་སྐལ་ བཟང་བསྐལ་མང་རྙེད་པར་དཀའ། །དེ་ཕྱིར་གྲོགས་དག་འདི་སྣང་རྣམ་གྱེང་གིས། དལ་འབྱོར་སྟོང་པར་ཟད་ན་ཆེ་ཕངས་ཀྱི། ཉིན་ ཞག་རེ་ཙམ་ཐབས་མཁས་འདི་སྟ་བུས། །ཐེག་མཆོག་སྙིང་པོའི་སྐལ་བ་བླངས་ན་ལེགས། །འདིར་འབད་དགེ་བས་རླབས་ཆེན་སྤྱོད་ པ་ཡིས། །མཐའ་ཡས་འགྲོ་བ་སྒྲོལ་ལ་མི་ཞུམ་པའི། རྒྱལ་སྲས་མཐུ་ཆེན་དཔའ་པོར་བདག་གྱུར་ཏེ། རིང་མིན་སྟོབས་བཅུ་མངའ་ [011A]༄༅། བར་སོན་གྱུར་ཅིག། །ཅེས་མ་འདི་ཡང་དད་དམ་མཚུང་མེད་སྒེར་སྤེལ་གཞི་བའི་རྗེ་བཙུན་མ་བློ་བཟང་འཕྲིན་ལས་ཆོས་སྐྱིད་ནས་ཐེག་ཆེན་ གསོ་སྦྱོང་གི་ཆོ་ག་པར་མ་དེང་སྐབས་ཡོད་པ་རྣམས་ཕལ་ཆེར་འགོར་པདྨའི་རིགས་ཀྱི་དམ་རྒྱ་བཅིང་བ་དང། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཕྱག་འཚལ་ཞིང་ལུས་འབུལ་བ་སོགས་ སྨྱུར་གནས་ལྟ་བུ་བྱ་རྒྱུད་ཀྱི་ཆོ་ག་དང་འབྲེལ་བ་ཤེས་ཆེ་བས། དེ་དག་དང་མ་འབྲེལ་བའི་སྐབས་གསོ་སྦྱོང་རྐྱང་པ་བྱ་ཚུལ་གྱི་ལག་ལེན་ནག་འགྲོས་སུ་འཁོར་བ་ཞིག་ དགོས་ཞེས་རྟེན་བཅས་བསྐུལ་མ་མཛད་པ་བཞིན། སྐུ་བཅར་མཚན་ཞབས་དར་ཏན་ པོར་དམ་པའི་ཕྱག་བཞེས་ལྟར་ཡི་གེར་བཀོད་པའོ། ཐེག་མཆོག་རླབས་ཆེན་སྤྱོད་པའོ་མའི་མཚོ། མི་ཉམས་གསོ་ཞིང་གཅེས་འཛིན་ཚག་དུང་ ཀུན། །སྦྱོང་བྱེད་པར་གྱི་བདུད་རྩིའི་ཟླ་བ་འདི། །བློ་བཟང་དར་རྒྱས་བློ་བཟང་ལུང་རྟོག་དང། །ཕུན་ཚོགས་ལྷ་དབང་ལྷག་པས་མ་ [011B] དགེ་འདིས་རྒྱུ་སྦྱོར་འབྲེལ་ཐོགས་འདས་གསོན་ཀུན། །བྱང་ཆུབ་སྤྱོད་པ་རྒྱ་མཚོའི་འཇིང་ ཞུགས་ནས། །སྐུ་གསུམ་རིན་ཆེན་གླིང་དུ་མྱུར་སོན་ཏེ། །མཐའ་ཀླས་འགྲོ་བའི་རེ་བ་སྐོང་གྱུར་ཅིག།། ཅེས་པ་འདི་ཡང་གྲོ་སྟོད་དུང་དགོན་དགེ་སློང་བློ་བཟང་རྡོ་རྗེས་དགེ་བསྐུལ་གྱིས་ཤེལ་དཀར་ཛོང་ཁོང་ལ་སྟོད་ རིགས་དགེ་སློང་བློ་བཟང་དང་རྒྱས་དང། དགེ་སློང་བློ་བཟང་ལུང་རྟོགས། སྲད་རྒྱུད་དགེ་སློང་ཕུན་ཚོགས་ལྷ་དབང་གསུམ་གྱིས་པར་ བསྐྲུན་ཞུ་སྐབས་ལྷ་སའི་དཔེ་ཐུང་གི་པར་བྱང་སྨོན་ཚིག་སོར་བཞག་ཞུས་པ་ལ། གོང་གསལ་སྦྱིན་བདག་རྣམ་གསུམ་གྱི་མཚན་བཀོད་ པ་དགེ་ལེགས་འཕེལ། །པར་བརྐོས་པ་ནི་ཕད་མ་ཅན་གྱི་ཤར་པ་སྤེན་པ་ནོར་བུ་ཡིན། སྒང་ཏོག་བདེ་བར་གླིང་དུ་སྤྱི་ལོ་་མཐར་བཞིངས་པའོ་ [012A]༄༅། ། ཧོར་ལུགས་ཟླ་གྲངས། །། ཚེ་གྲངས། །།། དུས་ཆེན་ཁག་གི་མཚན་བྱང། ཆོ་འཕྲུལ་དུས་ཆེན།། དགེ་བའི་འགྱུར་ཁྱད། ་ ཧོར་ལུགས་ཟླ་གྲངས། །། ཚེ་གྲངས་ [001] ཀ་ ། ཁ་ །། དུས་ཆེན་ཁག་གི་མཚན་བྱང། ཀ་ སྐུ་འཁྲུངས་པ། ཁ་ སངས་རྒྱས་པ་དང། མྱ་ངན་ལས་འདས་པ།། དགེ་བའི་འགྱུར་ཁྱད། ་ ཧོར་ལུགས་ཟླ་གྲངས། །། ཚེ་གྲངས། །།། དུས་ཆེན་ཁག་གི་མཚན་བྱང། བཀའ་དང་པོ་བདིན་བཞིའི་ཆོས་འཁོར་དང། ལྷུམས་སུ་བཞུགས་པ།། དགེ་བའི་འགྱུར་ཁྱད། ་ ཧོར་ལུགས་ཟླ་གྲངས། །། ཚེ་གྲངས། །། དུས་ཆེན་ཁག་གི་མཚན་བྱང། ལྷ་ལས་པ་སམ་པ།། དགེ་བའི་འགྱུར་ཁྱད། ་ ཧོར་ལུགས་ཟླ་གྲངས། །། ཚེ་གྲངས། །། དུས་ཆེན་ཁག་གི་མཚན་བྱང། ཨོམ་རྒྱན་པདྨ་འབྱུང་གནས་སློབ་དཔོན་པྲ་པཧའ་ཏ་སྟིའི་སྤྱན་སྔར་སྐུ་རབ་ཏུ་བྱུང་བ་ ཧོར་ལུགས་ཟླ་གྲངས། །། ཚེ་གྲངས། །། དུས་ཆེན་ཁག་གི་མཚན་བྱང། ཨོམ་རྒྱན་སངས་རྒྱས་གཉིས་པ་སྐུ་ལ་འཁྲུངས་པ་དང། རྔ་ཡབ་གླིང་དུ་གཤེག་པ་ ཚེ་གྲངས། [D]།། དུས་ཆེན་ཁག་གི་མཚན་བྱང། ཉི་འཛིན།། དགེ་བའི་འགྱུར་ཁྱད། ་ ཚེ་གྲངས། [D]།། དུས་ཆེན་ཁག་གི་མཚན་བྱང། ཟླ་འཛིན།། དགེ་བའི་འགྱུར་ཁྱད། ་ དུས་ཆེན་ཁག་གི་མཚན་བྱང། ཉི་ཟླག་ཟའ་འཛིན་དང། དུ་མ་ཆེན་བཞི་པོ་གང་རུང་འཛོམས་པ།། དགེ་བའི་འགྱུར་ཁྱད། བསོད་ནམ་ཁྱད་པར་འཕགས་ ཧོར་ལུགས་ཟླ་གྲངས། །། ཚེ་གྲངས། །།། དུས་ཆེན་ཁག་གི་མཚན་བྱང། འགལ་ཟླ་ཀླ་ཀློ་རྒྱ་དམར་གྱིས་ཁྲག་སྦྱོར་གྱི་ལས་ངན་པོད་དུ་འགོ་རྪོ་མ་ [012B] གོང་གི་དུས་བཟང་སོ་སོ་དང། ལྷག་པར་བོད་ཆོས་ལྡན་ཤིང་དུ་བགལ་ཟླ་ཀླ་ཀློའི་ཁྲག་སྦྱོར་གྱི་ལས་ངན་ཚབས་ཆིས་འགྲོ་བ་སེམས་ཅན་ཇི་སྙེད་ཚེ་ལས་འདས་པ་ ལ་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ། བྱང་ཆུབ་ཀྱི་སེམས་བསྤྱེད་རིན་པོ་ཆེས་ཟིན་པའི་སྒོ་ནས་ནམ་དཀར་བསྒྲུབ་པ་ལ་འབད་ནའང་ཕན་ཡོན་ཆེན་པོ་འཐོབ་པ་ སྙམ་སྟེ། དེ་ལྟར་ཡང་མགོན་པོ་ཞི་བ་ལྷས། །པན་པར་བསམས་པ་ཙམ་གྱིས་ཀྱང། ། ཡངས་རྒྱས་མ་ཆོད་ལས་ཁྱད་ འཕགས་ན། སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བྲྕོན་པ་སྨོས་ཅིད་གོས། ཞེས་གསུངས་སོ།། དགེ་བའི་ འགྱུར་ཁད་གྲངས་རྩིས་ཚུལ་ནི། །གཅིག་བཅུ་བརྒྱ་སྟོང་ཁྲིའི་བུམ་དང། །ས་ཡ་བྱེ་བ་དུང་ཕྱུར་ཏེ། །དགུ་པོ་རྐྱང་པའི་ཀྲངས་སུ་བརྗོད། ཐོར་ འབུམ་ཁྲག་ཁྲིག། རབ་བཀྲམ་དང། །གྟ་མད་ཀྲིགས་མི་འགྲུ་གས་ཁྱནད་འཟིན་དང། །སྤང་རྟེན་དེད་འདྲིན་མཐའ་སྣང་དང། རྒྱུ་རིགས་འོད་མ་ཛེས་ [013A]༄༅། །དབང་པོ་དང། །ལེགས་ཕྱིན་རྟོགས་འགྲོ་འབྱིན་རྡུལ་དང། རྒྱ་རྟགས་དང་ནི་སྟོཨྶ་འཁོར་དང། བརྡ་ཤེས་ རྣམ་བྱུང་སྟོབས་མིག་དང། བྱམས་པ་སྙིང་རྗེད་གའ་བ་དང། བཏང་སྙོམས་རྣམས་ཏེ་ཆེན་པོར་བཅས། ། ལྔ་བཅུ་ཁུག་པའི་གྲངས་ཡིན་ཏེ།། གྲངས་མེད་པ་ནི་ཐ་མའོ། །གོང་ནས་གོང་དུ་བཅུ། འགྱུར་བསྒྲེ། །གོང་གསལ་གྲངས་གནས་དུང་ཅུའི་སྐོར་རྕིས་པ་བཞི་བར་བྐཱ་འདྲེ་ཞུས་པ་ལགས་སོ།། བག་བརྒྱུན་གཐོར་གྱི་སྔགས་ནི། འདི་ལྟར་མཆི་ལམ་ ལུད་པ་ལ་ ཨོཾ་ཨཱ་ཁྲེར་ཨཱ་ཧ་རེ་བྷྱ་སཱ་ཧཱ། སྣབས་ལ་ ཨོཾ་ཨཱ་ བི་གྷ་ན་ཨཱ་ཧ་རེ་བྷྱ་སཱ་ཧཱ། ལུས་ཀྱི་དྲི་མ་ལ་ ཨོཾ་ཨཱམ་ར་ཨཱ་ཧ་རེ་བྷྱ་སཱ་ཧཱ། དྲི་ཆེན་ལ་ ཨོཾ་ཨཱ་བི་ཊཱ་ཨཱ་ཧ་རེ་བྷྱ་སཱ་ཧཱ། དྲི་ཆུ་ལ་ ཨོཾ་ ཨཱ་མུ་ཏྲ་ཨཱ་ཧ་རེ་བྷྱ་སཱ་ཧཱ། ཞེས་པ་རྣམས་བརྗོད་ཅིང་སེ་གོལ་བརྡབ་ལ་བསྔོའོ།། །།པར་འདི་སྦགས་ཆོས་སྒར་ཐར་འདོད་གླིང་དུ་བཞུག་སོ།།